རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སྐབས་་་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ ཉིན་འདི་གའི་དཔེ་མཛོད་ཁང་དུ་འཚོགས་སྐབས་བཀའ་བསྟན་གསུང་རབ་དག་ལ་བྱིན་འབེབས་རབ་གནས་བཀའ་དྲིན་ཆེ་བ་མ་ཟད། དཔེ་མཛོད་ཀྱི་ལས་བྱེད་རྣམས་ལ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། མཚུངས་མེད་ཤར་ཆོས་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་དང་། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་རྒྱ་མཚོ་བཅས་དགའ་ལྡན་བསྟན་བདག་རྣམ་གསུམ་དམིགས་བསལ་མཇལ་ཁ་དང་འབྲེལ་ལྷན་དུ་བསྒྲོན་པའི་སྐུ་པར།

ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སློབ་ཕྲུག་རྒན་གཞོན་རྣམས་ཀྱིས་བོད་ཀྱི་རིག་གནས་ཆེ་ཆུང་ཁག་ལ་སྦྱང་བརྩོན་ཡར་ལྡན་དུ་གནང་དང་གནང་བཞིན་པ་དེ་དག་གི་ཕུགས་ཀྱི་དགོས་དམིགས་འགྲུབ་ཆེད་དང་། འཕྲལ་དུ་སློབ་གཉེར་བ་རྣམས་ཀྱི་རྩོམ་རིག་གི་སྒྱུ་རྩལ་ཡར་རྒྱས་འགྲོ་ཆེད་བཅས་ལ་དམིགས་ཏེ། སློབ་གཉེར་བ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་དཔྱད་རྩོམ་དང་། སྙན་རྩོམ། རང་མོས་དང་ཀ་ཕྲེང་སོགས་བཅད་ལྷུག་སྤེལ་གསུམ་ལས་གྲུབ་པའི་དུས་དེབ་ཨེ་ཝཾ་རང་སྒྲ་འདོན་ཐེངས་དང་པོ་ལེགས་འགྲུབ་བྱུང་བའི་སྐབས་སུ་སྐྱབས་རྗེ་མཁན་བླ་རྣམ་གཉིས་དང་། དགེ་བསྐོས་དང་སློབ་གཉེར་བ་བཅས་ལྷན་དུ་བསྒྲོན་པའི་སྐུ་པར།