མཚན་བྱང་།  དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་སྒྲུབ་ཐབས་སོགས་ཉམས་བཞེས་ཉེར་མཁོ་གནད་བསྡུས།
མཛད་པ་པོ།  རྩ་རྒྱུད། རྒྱལ་བ་རྡོ་རྗེ་འཆང་། ལྷན་ཐབས། པཎ་ཆེན་བློ་བཟང་ཆོས་རྒྱན།
བརྗོད་བྱ། རྣལ་འབྱོར་བླ་ན་མེད་པའི་བསྐྱེད་རྫོགས་ཀྱི་ཟབ་གནད།
དཔར་ཐེངས་གཉིས་པ། ༢༠༡༥
དེབ་ཚད།  13.97 cm x 21.59 cm
ཤོག་གྲངས།  260
རྒྱལ་སྤྱིའི་དཔེ་རྟགས་ཨང་།  ༩༧༨ ༩༣ ༨༤༨༣༩ ༥༦ ༧

ངོ་སྤྲོད་མདོར་བསྡུས།  དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་སྒྲུབ་ཐབས་སོགས་ཉམས་བཞེས་གནད་བསྡུས་ཀྱི་ཕྱག་དཔེ་འདི་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ཚེས་ ༡༡ ནས་ཉིན་གསུམ་གྱི་རིང་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་བཀའ་དྲིན་ཆེ་སྐབས་སུ་དཔར་བསྐྲུན་ཞུས། པོད་འདི་བླ་མ་བརྒྱུད་རིམ་སོགས་གལ་ཆེའི་ཆོས་ཚན་མི་འདྲ་བ་བཅུ་བཞི་ལས་གྲུབ།

མཚན་བྱང་།  སྡོམ་གསུམ་གྱི་ཉམས་ལེན་སྐོར།
མཛད་པ་པོ།  མཛད་པ་པོ། སློབ་དཔོན་ཙནྡྲ་གོ་མི་སོགས།
བརྗོད་བྱ། སྡོམ་གསུམ་གྱི་སྐོར།
དཔར་ཐེངས་དང་པོ།  ༢༠༡༦
དེབ་ཚད།  13.97 cm x 21.59 cm
ཤོག་གྲངས།  319
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༥༧ ༤
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་བཞིན་དོན་གཉེར་ཅན་གྱི་སྤྱི་སྒེར་དུ་མ་ཞིག་ལ་དམིགས་ཏེ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་ནས་ར་མོ་ཆེའི་པོད་ཕྲེང་གི་ཁོངས་སུ་དཔར་སྐྲུན་ཞུས། པོད་འདིའི་ནང་དུ་བླ་མ་ལྔ་བཅུ་པ་སོགས་གལ་ཆེའི་ཆོས་ཚན་བཅུ་གཉིས་ལྷག་དང་། མདོ་སྔགས་ཀྱི་དཔེ་རིས་གང་མང་བཞུགས།