- མདུན་ངོས།
- གསར་འཕྲིན།
- རྒྱས་བཤད་བྱེད་པ།
- སྡེ་ཚན། གནས་ཚུལ་གཞན།
- ཀློག་གྲངས། 1286
༄༅།། ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་༢ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་དངོས་སུ་དབུ་བརྙེས་ནས་འདི་ལོར་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་དུས་སྟོན་དུ། སྐུ་མགྲོན་གྱི་གཙོ་བོ་བདག་ཉིད་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག །གྲྭ་ཚང་གི་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུས་པའི་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་། དེ་བཞིན་བཀའ་ཟུར་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་སོགས་ཕྱི་ནང་གི་སྐུ་མགྲོན་ལྷན་འཛོམས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ནས་ད་ལྟའི་བར་དཔར་སྐྲུན་ཞུས་པའི་དཔེ་གཟུགས་དང་དེབ་གཟུགས་བསྡོམས་པའི་གྲངས་ ༧༨ འགྲེམས་སྟོན་དབུ་འབྱེད་དང་། གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་དུ་བཞུགས་པའི་རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་དང་། ཐུན་མོང་རིག་པའི་གཞུང་སོགས་ཀྱི་དཀར་ཆག་དྭངས་གསལ་ནོར་བུའི་མེ་ལོང་དབུ་འབྱེད་དང་འབྲེལ་རིན་བྲལ་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་ཆེ་བ་དང་། ༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དང་། བཀའ་ཟུར་ཚེ་རིང་དོན་གྲུབ། དགེ་བསྐོས་ལགས་བཅས་ནས་འདི་ལོར་དཔར་གསར་སྐྲུན་ཞུས་པའི་དཔེ་དེབ་མི་འདྲ་བ་གྲངས་༡༢ དབུ་འབྱེད་གནང་ཞིང་། དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ཀྱིས་ལས་སྡོམ་སྙན་སྒྲོན་དང་། ༸སྐྱབས་རྗེ་མཁན་བླ་རྣམ་པ་གཉིས་དང་དགེ་བའི་བཤེས་གཉེན་མཁས་གྲུབ་ནོར་བཟང་བཅས་ནས་བཀའ་སློབ་གསུང་བཤད་གནང་། བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བོད་བསྟན་སྲིད་སྤྱི་དང་། བྱེ་བྲག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ལྷག་པར་དཔེ་མཛོད་ཀྱི་སྤྱི་ཁྱབ་སློབ་སྟོན་པའི་མཚན་གནས་བཞེས་པའི་བཀའ་དྲིན་ལ་བརྟེན་དཔེ་མཛོད་ཀྱི་མཚན་མཐོང་དང་ལས་དོན་གང་ཅིར་རླབས་ཆེ་བའི་ཕན་འབྲས་མངོན་
- རྒྱས་བཤད་བྱེད་པ།
- སྡེ་ཚན། གནས་ཚུལ་གཞན།
- ཀློག་གྲངས། 3220
དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྒྲིག་ཡིག་ཏུ་གསལ་བའི་འབོག་ཐག་གི་སྐོར་ལ་རགས་ཙམ་གླེང་བ།
Prefacing Briefly about the Disciplinarian's ‘Bog-thag (Hide Rope) of the Glorious Gyuto Tantric Monastery, as Mentioned in the Monastery's Rules
༄༅།། བློ་བཟང་ཀླུ་སྒྲུབ། དཔེ་མཛོད་འགན་འཛིན། (Lobsang Lodup Gyutolibrary Director)
ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༩ ཚེས་ ༣ ནས་ ༧ བར་ཨུ་རུ་སུའི་གྲོང་ཁྱེར་གྲགས་ཅན་སན་པི་ཏི་པོག་གི་མཐོ་སློབ་ཆེན་མོར་ཉིན་ལྔའི་རིང་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་པ་ཚོགས་པའི་སྐབས་རྒྱ་དཀར་ནག ཨ་རི། ཨུ་རུ་སུ། བོད། སོག་པོ། ཉི་ཧོང་། ཕ་རན་སི། འཇར་མན་སོགས་རྒྱལ་ཁབ་ཉི་ཤུ་ནས་ཕེབས་པའི་ཚོགས་ཞུགས་པ་གྲངས་བརྒྱད་ཅུ་ལ་ཉེ་བའི་དབུས་སུ་གོང་གསལ་བརྗོད་གཞིའི་ཐོག་དཔྱད་རྩོམ་སྒྲོག་སྦྱོང་གི་གཏམ་བཤད་དང་བགྲོ་གླེང་གི་ཆ་ཤས་བླངས།