མཚན་བྱང་།  གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད།
མཛད་པ་པོ།  རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོ། (༡༨༠༣-༡༨༧༥)
བརྗོད་བྱ། གསང་བདེ་འཇིགས་གསུམ་གྱི་ཟབ་མོའི་ལམ་གྱི་རིམ་པ།
དཔར་ཐེངས་དང་པོ། ༢༠༡༣ 
དེབ་ཚད།  18.288 X 24.384cm
ཤོག་གྲངས།  518
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༨༡ ༩༢༤༦༤༩ ༢ ༣ 
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་ལྷ་དང་བླ་མ་ལས་འབྲས་དང་བཅས་པ་ལ་དད་ཅིང་དབང་ཐོབ་པ་མ་ཟད། བཀའ་གདམས་གོང་མས་བསྒོམ་རྒྱུའི་ལྷ་གཟུགས་རེ་དང། བགྲང་རྒྱུའི་སྔགས་རེ་ཀུན་ལ་ཡོད་ཀྱང་བྱེད་རྒྱུའི་ཆོས་ཤིག་མ་དྲན་པས་ལན་པ་ཡིན་ཞེས་གསུངས་པ་ལྟར་རང་གིས་རང་ལ་ཚེ་འདི་དང་ཕྱི་མའི་སྣང་ཞེན་ཁ་བྲི་བའི་ཆོས་ཤིག་བྱེད་ཀྱིན་ཡོད་མེད་བརྟགས་ནས་ཐུན་མོང་ལམ་སྦྱངས་ལ་བརྩོན་པའི་སྐལ་ལྡན་མང་པོའི་སླད་དུ་དཔར་སྐྲུན་ཞུས་པ་ཡིན།

མཚན་བྱང་།  འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་
འཇིགས་མཛད་རྡོ་རྗེའི་ཞལ་ལུང་།
མཛད་པ་པོ།  རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོ། (༡༨༠༣-༡༨༧༥)
བརྗོད་བྱ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཟབ་མོའི་ལམ་གྱི་རིམ་པ།
དཔར་ཐེངས་དང་པོ། ༢༠༡༦ 
དེབ་ཚད།  18.288 X 24.384cm
ཤོག་གྲངས།  191
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༠༣ ༡
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ཆོས་འདིའི་བཤད་ཁྲིད་གནང་སྐབས་རྣམ་གྲོལ་དོན་དུ་གཉེར་བའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་སླད་དུ་དཔར་སྐྲུན་ཞུས་པ་ཡིན།