མཚན་བྱང་།  ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒྲུབ་དཀྱིལ་ཕྱོགས་བསྒྲིགས།
མཛད་པ་པོ།  རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ།
བརྗོད་བྱ།  གསང་བདེ་འཇིགས་གསུམ་གྱི་བསྐྱེད་རིམ་དང་དབང་གི་སྐོར།
དཔར་ཐེངས་དང་པོ། ༢༠༡༦
དེབ་ཚད།  18.288 X 24.384cm
ཤོག་གྲངས།  611
རྒྱལ་སྤྱིའི་དཔེ་རྟགས་ཨང་།  ༩༧༨ ༩༣ ༨༤༨༣༩ ༠༤ ༨
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་དཀྱིལ་ཆོག་ཉི་ཤུ་པ། རྗེ་རིན་པོ་ཆེའི་རྣལ་འབྱོར་དག་རིམ་དང་དབང་དོན་དེ་ཉིད་རབ་གསལ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདེ་ཆེན་གསལ་བ། འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག མཁས་གྲུབ་རྗེའི་གསང་བ་འདུས་པའི་མངོན་རྟོགས་ལྷན་ཐབས་དང་དཀྱིལ་ཆོག་གི་ངག་འདོན་གོ་སླ་བར་བརྗོད་པ། འཁོར་ལོ་སྡོམ་པའི་དཀྱིལ་ཆོག་བདེ་ཆེན་རོལ་མཚོ་སོགས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེང་སྲོལ་དང་མཐུན་པའི་ཉམས་ཞིབ་གང་ལེགས་དང་འབྲེལ་ལུང་ཁུངས་སོགས་གསལ་བར་བཀོད་དེ་དཔར་སྐྲུན་ཞུས་ཡོད། 

མཚན་བྱང་།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་པ་གཉིས་ཀྱི་དངོས་གྲུབ་ཀྱི་གཏེར་མཛོད།
མཛད་པ་པོ།  རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་དཔལ་བཟང་པོ། (༡༤༡༩-༡༤༨༦)
བརྗོད་བྱ། གཞི་ལམ་འབྲས་བུའི་རྒྱུད་གསུམ། 
དཔར་ལོ། ༢༠༡༧ | ༢༠༡༩
དཔར་ཐེངས། གཉིས་པ།
དེབ་ཚད།  18.288 X 24.384cm
ཤོག་གྲངས།  753
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༠༦ ༢ 
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདི་ནི་ཀློག་པ་པོ་རྣམས་འཇུག་པ་བདེ་སླད་རྩ་འགྲེལ་སྦྱར་ཞིང་། ཉམས་ཞིབ་ཀྱི་ཆ་ལག་ཚང་བའི་ཐོག་ནས་བསྟན་བཅོས་འདིར་དྲངས་པའི་བཀའ་བསྟན་སོགས་ཀྱི་ལུང་མཆན་དང་། མཁས་གྲུབ་རྗེའི་རྒྱུད་ཀྱི་ཟིན་བྲིས་དང་། རྒྱུད་ཆེན་སྦྱིན་པ་དཔལ་བའི་རྒྱུད་ཀྱི་ཊཱིཀྐ་སོགས་འབྲེལ་ཡོད་ཀྱི་གཞུང་རྣམས་ལ་ཞིབ་བལྟས་ཀྱིས་ཉམས་ཞིབ་ཚད་ལྡན་གྱི་ལམ་ནས་དཔར་སྐྲུན་ཞུས་པ་ཡིན།