མཚན་བྱང་།  རྗེ་བཙུན་ཙོང་ཁ་ཆེན་པོའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་དཔེ་བསྡུར་མཆན་སྦྱར་མ།
མཛད་པ་པོ།  མཁས་གྲུབ་དགེ་ལེགས་དཔལ་བཟང་། (༡༣༤༥-༡༤༣༨)
བརྗོད་བྱ། རྗེ་ཙོང་ཁ་པའི་ཐུན་མོང་བའི་རྣམ་པར་ཐར་པ། 
དཔར་ཐེངས་དང་པོ། ༢༠༡༩
དེབ་ཚད།  13.97 cm x 21.59 cm
ཤོག་གྲངས།  232
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༨༦ ༤ 
ངོ་སྤྲོད་མདོར་བསྡུས།  ཕྱི་ལོ་ ༢༠༡༩ ལོར་རྗེ་ཙོང་ཁ་ཆེན་པོ་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་བསྟུན། མཁས་དབང་ཆབ་མདོ་ཤེས་རབ་ཀྱིས་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་མ་ཕྱིར་མཆན་བཏབ་པ་དེར། གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་ནས་བསྐྱར་དུ་དཔེ་བསྡུར་དང་ཞུ་སྒྲིག་ཞུས་ཤིང་༸གོང་ས་༸སྐྱབས་མགོན་པོས་གདན་ས་དགའ་ལྡན་དུ་དབུ་འབྱེད་མཛད།

མཚན་བྱང་།  དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་། བསྐྱེད་རིམ་པའི་བསྒོམ་ཐབས་མདོར་བསྲེས། སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ། རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།
མཛད་པ་པོ།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
བརྗོད་བྱ། དཔལ་གསང་བ་འདུས་པའི་བསྙེན་སྒྲུབ་ཡན་ལག་བཞི་དང་ཟབ་ལམ་རིམ་པ་ལྔའི་སྐོར། 
དཔར་ཐེངས་དང་པོ། ༢༠༡༧ 
དེབ་ཚད།  13.97 cm x 21.59 cm
ཤོག་གྲངས།  284
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༥༨ ༡ 
ངོ་སྤྲོད་མདོར་བསྡུས།  ཕྱག་དཔེ་འདིའི་ནང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཆོས་སྐོར་ཟབ་མོ་འགའ་ཞིག་བཞུགས་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་ལ་དྭགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ཆོས་ཞུ་སར་ཕེབས་མཁན་གྱི་དད་ལྡན་ཆོས་ཞུ་བ་དག་ལ་དམིགས་ཏེ་ལ་དྭགས་རྣལ་འབྱོར་མའི་ཚོགས་པས་རྒྱུ་སྦྱོར་གནང་སྟེ་རྒྱུད་སྟོད་དཔེ་མཛོད་ཁང་ནས་ཞུ་སྒྲིག་དང་དཔར་སྐྲུན་ཞུས་པ་ཡིན།