-
མདུན་ངོས།
-
གསར་འཕྲིན།
-
དཔར་གསར་སྐྲུན།
- དམིགས་བསལ་རིགས།
- རྒྱས་བཤད་བྱེད་པ།
- སྡེ་ཚན། དམིགས་བསལ་རིགས།
- ཀློག་གྲངས། 1756
མཚན་བྱང་། བྱང་རིམ་བསྡུས་དོན་གྱི་བཀའ་ཁྲིད།
མཛད་པ་པོ། སློབ་དཔོན་ཟམ་གདོང་རིན་པོ་ཆེ།
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་རིམ།
དཔར་ཐེངས་དང་པོ། ༢༠༢༤
དེབ་ཚད། 13.97cmX20.32cm
ཤོག་གྲངས། 292
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༤༣ ༧
ངོ་སྤྲོད་མདོར་བསྡུས། གསུང་རབ་འདི་བཞིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་ལ་སེར་བྱེས་ཚྭ་བ་ཁང་ཚན་དང་། མོན་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་། ལྷོ་ཀི་རི་ཡའི་གྱོང་ཇུའི་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ལམ་རིམ་བདེ་ལམ་དང་མྱུར་ལམ་གྱི་ཉམས་ཁྲིད་སོགས་དགོན་སྡེ་དང་ཚོགས་སྡེ་འདྲ་མིན་དུ་སྩལ་བའི་ཆོས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་སྩལ་བ་ཁག་ཡིན།
- རྒྱས་བཤད་བྱེད་པ།
- སྡེ་ཚན། དམིགས་བསལ་རིགས།
- ཀློག་གྲངས། 1901
མཚན་བྱང་། བྱང་ཆུབ་ལམ་གྱི་རིམ་པར་ཤར་སྒོམ་བྱེད་ཚུལ།
མཛད་པ་པོ། སློབ་དཔོན་ཟམ་གདོང་རིན་པོ་ཆེ།
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་རིམ།
དཔར་ཐེངས་གསུམ་པ། ༢༠༢༢
དེབ་ཚད། 13.97cmX20.32cm
ཤོག་གྲངས། 114
རྒྱལ་སྤྱིའི་དཔེ་རྟགས་ཨང་། ༩༧༨ ༩༣ ༨༤༨༣༩ ༧༥ ༨
ངོ་སྤྲོད་མདོར་བསྡུས། གསུང་རབ་འདི་ནི་ཏོག་དབྱིབས་ནད་ཡམས་སྐབས་མི་རྣམས་ཁྱིམ་སྡོད་བཀའ་རྒྱ་བསྡམས་པའི་འོག་འཇིགས་སྣང་དང་དངགས་སྐྲག་གིས་ཅི་བྱ་གཏོལ་མེད་དང་། རེ་ཐག་ཆད་པའི་སྐབས་སུ་དོན་གཉེར་ཅན་འགའ་ཞིག་གིས་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་༢༠༢༠ ཟླ་༡༠ ཚེས་༢༤ ནས་༡༡ ཚེས་༢ བར་གོ་སྐབས་ནམ་བྱུང་ལ་ཆུ་ཚོད་ཕྱེད་ཙམ་རེ་བྱས་ཏེ་ལམ་རིམ་ཤར་སྒོམ་བྱེད་ཚུལ་དྲྭ་ལམ་ནས་སྩལ་བའི་བཀའ་ཆོས་དང་། གསུང་གཞན་འགའ་ཞིག་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཡིག་ཐོག་ཕབ་པ་དང་། རིན་པོ་ཆེའི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ཀྱིས་ཞུ་སྒྲིག་བགྱིས་པར་མང་ཚོགས་ཁྲོད་ཆེས་དགའ་མོས་ཐོབ་པར་བརྟེན་ད་བར་ཐེངས་བཞི་ཙམ་པར་བསྐྲུན་ཞུས།