༄༅།། ང་ཚོའི་དཔེ་མཛོད་ཁང་ནས་རྒྱུན་དུ་མདོ་སྔགས་གཞུང་ཆེན་ཁག་གི་གསུང་རབ་སྤྱི་དང་། ཡང་སྒོས་རིས་མེད་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཕྱི་ནང་གི་དྲན་དབང་རྣམས་ཀྱིས་མཛད་པའི་བརྩམས་ཆོས་གསར་དུ་ཐོན་རིགས་ཁག་གང་ཐུབ་ཀྱིས་མཁོ་སྒྲུབ་ཞུས་དང་ཞུ་བཞིན་ཡོད་པ་ལྟར། ད་ལན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་དཔེ་མཛོད་ཁང་གིས་པར་སྐྲུན་ཞུས་པའི་དཔེ་དེབ་འདྲ་མིན་གྲངས་༡༠༩ ཙམ་བླུ་ཡོན་ཞུས་པའི་ཁོངས་སུ་ནང་ཆོས་དང་ལྟ་གྲུབ་འདྲ་མིན་སོགས་ཀྱིས་མཚོན་པའི་ཆོས་གཞུང་སྣ་ཚོགས་དང་། དེ་བཞིན་སྙན་རྩོམ་དང་དཔྱད་རྩོམ། སྒྲུང་རྩོམ།  བྱིས་སྒྲུང་། རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་འདྲ་མིན་སོགས་རིག་གནས་དང་ལོ་རྒྱུས་སྣ་ཚོགས། སྐྱེས་ཆེན་དུ་མའི་རྣམ་ཐར་འདྲ་མིན་གྱིས་མཚོན་པའི་མི་སྣ་ཁག་གི་ལོ་རྒྱུས་སྣ་ཚོགས་སོགས། མདོར་ན་རིག་གནས་སྣ་འདུས་ཀྱི་དཔེ་ཚོགས་ཤིག་བླུ་ཡོན་ཞུས་ཡོད་ལ། དེ་བཞིན་དབུས་བོད་ཀྱི་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་གསོ་རིག་རྒྱུད་བཞི་སོགས་ཕྱི་ནང་གི་གསོ་བ་རིག་པའི་གཞུང་ལུགས་ཆེ་ཆུང་ཁག་དང་། ཚན་རྩལ་རིག་གནས་བསྒྱུར་རྩོམ་ཞུས་པ་སོགས་གསོ་རིག་དང་འབྲེལ་བའི་གལ་ཆེའི་དེབ་གྲངས་༣༧ ཙམ་བླུ་ཡོན་ཞུས་པ་བཅས་ཁྱོན་བསྡོམས་དཔེ་དེབ་གྲངས་༡༤༦ ཐམ་པ་དཔེ་མཛོད་ཁང་དུ་འབྱོར་ཡོད་པ་ལགས་ན། ཤེས་རིག་ལ་དུང་ཞེན་ཟབ་པའི་འབྲེལ་ཡོད་དོན་གཉེར་ཅན་སོ་སོའི་ཐུགས་ཡིད་དང་མཐུན་པའི་རེ་བ་ཞུ་བཞིན་ཡོད།