༄༅།། ལོ་ལྟར་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་རེས་མོས་ཀྱིས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གི་གཙུག་ལག་ཁང་དུ་གསང་བདེ་འཇིགས་གསུམ་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབས་འཚོགས་ཏེ་རྒྱལ་བའི་ཕོ་བྲང་ལ་བརྟན་བཞུགས་རབ་གནས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༡༩༩༢  ཕྱི་ཟླ་ ༢ ཚེས་ ༢༧ ནས་ཕྱི་ཟླ་ ༣ ཚེས་ ༡༥ བར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་དཔལ་འཁོར་ལོ་སྡོམ་པ་དང་འབྲེལ་བའི་རབ་གནས་ཆེན་མོ་འཚོགས་ཤིང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མར་ཚོན་སྒྱུ་རྩལ་གྱི་ལམ་ནས་བཅོ་ལྔ་མཆོད་པ་བཟོ་བཞེངས་གནང་བའི་སྐབས་ཀྱི་བརྙན་འཕྲིན། སྡེ་ཚན་དང་པོ་ནས་གསུམ་པའི་བར་དུ་བཀོད་ཡོད་པས་གསན་གཟིགས་འཚལ།