5th Young Tibetan Research Scholars' Conference 

༄༅།། བློ་བཟང་ཀླུ་སྒྲུབ། དཔེ་མཛོད་འགན་འཛིན། (Lobsang Lodup Gyutolibrary Director)

ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༩ ཚེས་ ༡ ནས་ ༣ བར་བྷིང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་མཁན་རྣམ་པར་དམིགས་བསལ་མགྲོན་འབོད་གནང་བ་བཞིན་ཆེད་བཅར་གྱིས་གཏམ་བཤད་དང་བགྲོ་གླེང་གི་གོ་སྐབས་བླངས།

༄༅།། བློ་བཟང་ཀླུ་སྒྲུབ། དཔེ་མཛོད་འགན་འཛིན། (Lobsang Lodup Gyutolibrary Director)

ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༣ བར། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་ཨེ་ནལ་ཁོ་ Inalco ཤར་ཕྱོགས་སྐད་ཡིག་དང་དཔལ་ཡོན་རྒྱལ་ཡོངས་སློབ་གླིང་དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་བོད་ཕྱི་ནང་དང་། རྒྱལ་ཁབ་ཉི་ཤུ་ལྷག་ནས་ཕེབས་པའི་གྲགས་ཅན་གྱི་མཁས་དབང་དང་དགེ་རྒན་ཆེན་མོ། དེ་བཞིན་ཚོགས་བཅར་བ་དྲུག་བརྒྱ་མ་ཟིན་ཙམ་དང་ལྷན་དུ་༼དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བཅའ་ཡིག་དང་སྒྲིག་ཡིག་བཞུགས་སོ་༽ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་སྒྲོག་སྦྱོང་གི་གཏམ་བཤད་དང་བགྲོ་གླེང་གི་ཆ་ཤས་བླངས།