ཞལ་འདོན་ཆོས་སྤྱོད།

གནས་སྐབས་མངོན་མཐོ་ལྷ་མི་དང་མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ནི་ཀུན་གྱི་མངོན་འདོད་གཙོ་བོ་ཡིན་ལ། དེ་ཡང་ཚོགས་གསོག་སྒྲིབ་སྦྱོང་གནད་སྨིན་དུ་སོང་མིན་ལ་རག་ལས་པར་བརྟེན། དད་ལྡན་གང་ཞིག་གིས་རྒྱལ་བའི་གསུང་རབ་ཀློག་འདོན་སོགས་དང་། ཡི་དམ་རྒྱུད་སྡེ་བཞིའི་སྒྲུབ་སྐོར་དང་། ཆོས་སྲུང་ཁག་ལ་བརྟེན་པའི་ཞི་སོགས་ཀྱི་རབ་འབྱམས་སྒྲུབ་ཆོག །གཞན་ཡང་བླ་མའི་སྐུ་ཚེ་ཚེ་སྒྲུབ་དང་ཞབས་བརྟན། རང་གི་རྐྱེན་སེལ་ཞབས་རིམ་སོགས་སྒྲུབ་སྐབས་ཉེ་བར་མཁོ་བའི་ཆོ་ག་དང་ཆོས་སྤྱོད་རྒྱས་བསྡུས་སྣ་ཚོགས་ཤིག་ཡོད་པ་ལས། འདིར་ནི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་གྱི་འདོན་ཆོག་གི་རིགས་གང་འོས་རིམ་བཞིན་འགོད་སྤེལ་ཞུ་འཆར་མཆིས།

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་སྒྲུབ་ཐབས་རྗེའི་གསུང་རྣལ་འབྱོར་དག་རིམ་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ལྷན་ཐབས་མཛད་དེ་ངག་འདོན་གྱི་རིམ་པ་གསལ་བར་བཀོད་པའི་ཕྱག་དཔེ་འདི་བཞིན། དོན་གཉེར་ཅན་དག་ལ་ཉེ་བར་མཁོ་བའི་ཕྱིར་དཔེ་གཟུགས་སུ་སྒྲིག་སྦྱོར་བྱས་ཏེ་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་ཆོས་སྦྱིན་དུ་སྤེལ་བའོ།།

ཕབ་ལེན། PDF