དྲ་ལམ་ཐད་གཏོང་གི་ལས་འཆར།

དེང་གི་དུས་སུ་གོ་ལ་ཧྲིལ་པོར་བརྡ་འཕྲིན་གྱི་འོད་རླབས་རྣོན་པོ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་མི་རྣམས་བག་མེད་རྣམ་གཡེང་གིས་དུས་འདའ་ཞིང་ཡ་རབ་བཟང་སྤྱོད་ཀྱི་རིགས་ཉིན་རེ་བཞིན་ཉམས་དམས་སུ་འགྲོ་བཞིན་པའི་སྐྱོན་ཆའི་རིགས་ཧ་ཅང་མང་ན་ཡང་། བཟང་ཕྱོགས་ཀྱི་ངོས་ན་བསམས་ན་གནའ་དེང་གི་ཤེས་བྱ་ཡོན་ཏན་མང་པོ་ཞིག་གི་ལེགས་ཆའང་ལེན་རྒྱུ་ཡོད་སྟབས། བདག་ལེགས་སུ་འདོད་པ་དག་གིས་བླང་དོར་གོ་ལྡོག་ཏུ་མ་སོང་བར་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་བྱ་བ་ནི་གནད་ཀྱི་དོན་པོ་ཡིན། དེས་ན་འདི་ནས་ཆོས་ཕྱོགས་དང་འབྲེལ་བའི་གསུང་ཆོས་དང་། ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་བགྲོ་གླེང་སོགས་ཀྱི་གལ་ཆེའི་ལས་རིམ་ཁག་བརྒྱུད་ལམ་འདི་ནས་ཐད་གཏོང་བྱ་འཆར་མཆིས། བརྗོད་གཞི་དང་ནང་དོན་གནད་བསྡུས་དུས་ཚོད་སོགས་སྐབས་ཐོབ་ཀྱིས་གསལ་བསྒྲགས་སྤེལ་ངེས་ཡིན་པས་དེ་དོན་དགོངས་ཆུབ་འཚལ།

ཐད་གཏོང་།..........