༡༽   དཔེ་དེབ་ཀློག་སྐབས་གཡས་གཡོན་གྱི་མི་ལ་སུན་པོ་མི་ཡོང་ཆེད་སྐད་མཐོའི་གཏམ་གླེང་དང་ཁ་པར་སོགས་ལ་གཏམ་གླེང་མ་གནང་རོགས།

༢༽   འབྲེལ་མེད་ཀྱི་གཏམ་གླེང་བྱ་མི་ཆོག་པ་དང་ཡིན་ལུགས་ཚུལ་མཐུན་གྱིས་དཔེ་དེབ་ཀློག་གནང་དགོས།

༣༽   དཔེ་མཛོད་དུ་ཡོང་སྐབས་རྒྱབ་ཁུག་དང་ཅ་དངོས་རིགས་ཁྱེར་ཡོད་ན་དོ་དམ་པར་འབྲེལ་བ་བྱས་ནས་དངོས་བཅོལ་ཁང་དུ་འཇོག་པ་ལས་དཔེ་དེབ་ཀློག་སར་མ་འཁྱེར་རོགས། འོན་ཀྱང་དངུལ་དང་རིན་གོང་ཆེ་བའི་རིགས་ཡོད་ན་དོ་བདག་སོ་སོས་འགན་འཁུར་དགོས་པ་ལས་དོ་དམ་པས་འགན་ལེན་མེད།

༤༽   དཔེ་རིང་དང་དེབ་གཟུགས་གང་ཡིན་ཀྱང་སྨྱུ་གུ་སོགས་ཀྱིས་རྟགས་རྒྱག་པ་དང་། ཤོག་བུ་ལྟེབ་པ་སོགས་མ་གནང་རོགས།

༥༽   འཇོག་ས་འཁྲུགས་ན་ཀློག་མཁན་རྗེས་མ་ཚོས་སྟབས་བདེའི་ངང་འཚོལ་མི་ཐུབ་པའི་སྐྱོན་ཆ་འབྱུང་ངེས་པས་བཀླགས་ཟིན་པའི་དཔེ་དེབ་རྣམས་ཅོག་ཙེའི་སྒང་ལ་འཇོག་པ་ལས་སྔར་གནས་སུ་མ་སྐྱེལ་རོགས།

༦༽   དཔེ་མཛོད་ཁང་དང་དཔེ་དེབ་གཙང་ཉར་ཡོང་ཆེད་ཟ་ཆས་རིགས་དང་བཏུང་བྱའི་རིགས་དཔེ་མཛོད་ནང་དུ་ལོངས་སྤྱོད་མ་གནང་རོགས།

༧༽   དཔར་བཤུས་དགོས་པ་དང་། དཔེ་ཆ་གཡར་བ་སོགས་དགོས་ཚེ་དོ་དམ་པར་འབྲེལ་བ་བྱས་ན་སྒྲིག་སྲོལ་གཏན་འབེབས་བཞིན་མཐུན་རྐྱེན་བསྐྲུན་རྒྱུ་ཡིན།

༨༽   གློག་དང་རླུང་འཁོར་སོགས་བེད་སྤྱོད་དགོས་ཚེ་དོ་དམ་པར་འབྲེལ་བ་བྱེད་པ་ལས་རང་འཚམས་ཀྱིས་གང་བྱུང་མ་གནང་རོགས།

༩༽   འབྲི་དེབ་ལས་གཞན་པའི་རང་གི་དཔེ་དེབ་གང་ཡིན་ཀྱང་དངོས་བཅོལ་ཁང་དུ་འཇོག་པ་ལས་མཉམ་འཁྱེར་མ་གནང་རོགས།

༡༠༽   ཐ་མ་ཁ་དང་སྣ་ཐ་སོགས་སྤྱོད་མི་ཆོག་ལ་ ༼མ་དྷུ་དང་ཨེ་སི་ཊར་༽ཟེར་བ་སོགས་ཀྱང་སྤྱོད་མི་ཆོག་པས་དེ་དོན་དགོངས་བཞེས་གནང་རོགས།

༡༡༽   དཔེ་མཛོད་དུ་རྒྱུན་ལྡན་མ་ཡིན་པའི་དོན་དག་འདྲ་བཟོས་ན་ཕྱིར་ཕུད་གཏོང་བ་དང་ཐོབ་ཐང་ལག་འཁྱེར་ནུས་མེད་གཏོང་བའི་དབང་ཚད་དཔེ་མཛོད་དོ་དམ་པར་ཡོད།