༡  དཔེ་ཀློག་ཁང་དུ་ཕྱག་དཔེ་གཟིགས་མཁན་རྣམས་ལ་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་ཇི་སྙེད་ཅིག་ཡོད་པ་དེའི་ཐོག་ཏུའང་བསམ་གཞིག་ཞུ་མུས།

༢  དེ་སྔོན་དཔར་སྐྲུན་ཟིན་པའི་དཔེ་དེབ་དང་།  འབྱུང་འགྱུར་དཔར་བསྐྲུན་ཞུ་འཆར་ཁག  ལྷག་པར་གྲྭ་ཚང་གི་ཕྱག་བཞེས་དང་འབྲེལ་བའི་ཉེར་མཁོའི་རིགས་རྣམས་དཔེ་མཛོད་ཀྱི་དྲྭ་ལམ་ནས་འགྲེམས་སྤེལ་ཐུབ་ཐབས།

༣   གྲྭ་ཚང་གི་ཆོས་འབྱུང་དང་མཆོད་དཔེ་འགྲོ་ཁུངས་བསྐྱར་སྒྲིག་གི་ཐད་དམིགས་བསལ་འགན་ཁུར་གང་ནུས་ཞུ་རྒྱུ།

༈ འབོད་སྐུལ།

གོང་གསལ་དམིགས་ཡུལ་དང་ལས་རིམ་རྣམས་ལེགས་འགྲུབ་ཡོང་བར་མཁྱེན་དཔྱོད་ཅན་དང་གཏོང་ཕོད་ཅན་གྱི་དད་ལྡདན་སྦྱིན་བདག་རྣམ་པའི་ལམ་སྟོན་དང་མཐུན་འགྱུར་ལ་རག་ལས་པས་ལྷག་བསམ་ཆེར་བསྐྱེད་ཀྱིས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ལྷག་པར་གལ་ཆེའི་ཕྱག་དཔེ་གསར་སྐྲུན་གྱི་ཐོག་ཏུ་མཐུན་འགྱུར་གནང་མཁན་རྣམ་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་སྐུ་ཉིད་ནས་གནང་བའི་མཐུན་འགྱུར་དང་ཞལ་འདེབས་རྣམས་ཆུད་ཟོས་སུ་མ་སོང་བར་དམིགས་ཡུལ་ཁོ་ནར་སྨིན་གཏོང་ཞུ་ངེས་ཡིན།