༡  གོང་གསལ་དམིགས་ཡུལ་དང་ལས་འགན་རྣམས་གཞི་རྩར་འཛིན་པའི་ཐོག་ནས་ལས་དོན་བསྒྲུབས་པ་དཔེར་ན། སྤྱིར་དཔེ་དེབ་སུམ་ཁྲི་ལྷག་དང་།  ལྷག་པར་གསུང་འབུམ་དཔེ་དེབ་ཆིག་སྟོང་ལྔ་བརྒྱ་ཙམ་མཁོ་སྒྲུབ་ཞུས་ཡོད།

༢  གཞན་ཡང་དགོས་མཁོ་ཆེ་བའི་མདོ་སྔགས་ཀྱི་གཞུང་ཆེན་དང་གྲྭ་ཚང་གི་ཉམས་བཞེས་ཆོས་སྐོར་བཅས་གསར་སྐྲུན་ཞུས་པ་དཔེ་དེབ་བསྡོམས་གྲངས་༣༠ཙམ་བྱུང་ཞིང་། དེ་ཡང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ལམ་སྟོན་བཀའ་སློབ་རིམ་ཞུས་ཐོག་ཉམས་ཞིབ་དང་ཞུ་སྒྲིག་ཚད་ལྡན་གྱིས་རྒྱལ་སྤྱིའི་དཔེ་དེབ་ཀྱི་གནས་ཚད་དང་མཐུན་པར་དཔར་སྐྲུན་ཞུས་དང་ཞུ་མུས་ཡིན།

༣  གྲྭ་ཚང་གི་ཆོས་འབྱུང་བསྐྱར་སྒྲིག་གི་ལས་གཞི་དང་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཅས་ཀྱི་སྐོར་ལ་བགྲོ་གླེང་དང་ཟབ་སྦྱོང་ཐེངས་མང་གོ་སྒྲིག་ཞུས་ཡོད།

༤  ༧གོང་ས་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། གྲྭ་ཚང་གི་མཁན་བླ་དང་དཔེ་ཁྲིད་རྒན་རྣམ་པའི་གསུང་ཆོས་དང་དཔེ་ཁྲིད་རྣམས་སྒྲ་འཇུག་གིས་འོད་སྡེར་སོགས་ཀྱི་ལམ་ནས་མཁོ་སྤྲོད་ཞུ་བཞིན་ཡོད།

༥  སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་གི་ལས་རིམ་ཐོག་གང་ནུས་ཀྱི་འགན་ཁུར་ཞུ་བཞིན་ཡོད།

༦  སློབ་གཉེར་བ་དང་སློབ་ཕྲུག་རྣམས་ལ་དུས་ནས་དུས་སུ་གློག་ཀླད་སྦྱོང་བརྡར་སྤྲོད་བཞིན་ཡོད།

༧  ཆོས་སྡེ་དང་ཚོགས་སྡེ་ཆེ་ཁག་གི་དཔེ་མཛོད་ཁང་གི་འགན་འཛིན་དང་ལས་བྱེད་མཉམ་འཛོམས་ཐོག་དམིགས་བསལ་དཔེ་མཛོད་རིག་པ་དང་།  ཉམས་ཞིབ་ཁྱད་མཁས་པ། དེ་བཞིན་དཔེ་སྐྲུན་ཆེད་ལས་པ་བཅས་ཀྱི་མཁས་དབང་རྣམས་གདན་ཞུས་ཀྱིས་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།