མཚན་བྱང་། དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་སྙིང་པོ།
མཛད་པ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། པཎ་ཆེན་བློ་བཟང་ཆོས་རྒྱན།
བརྗོད་བྱ། རྒྱུད་རྒྱལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་སྙིང་པོ་དང་དཀའ་གནས་རྣམས།
དཔར་ཐེངས་དང་པོ། ༢༠༢༢
ངོ་སྤྲོད་སྙིང་བསྡུས། ཕྱག་དཔེ་བཞིན་རྒྱུད་ཀྱི་རྒྱལ་པོ་དཔལ་བ་གསང་བ་འདུས་པའི་སྒྲུབ་པའི་ཐབས་མདོར་བྱས་པ་དང་། བསྐྱེད་པའི་རིམ་པ་བསྒོམ་པའི་མདོ་དང་བསྲེས་པ། བསྐྱེད་རིམ་ཟིན་བྲིས། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་སྙིང་པོ། རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། རིམ་ལྔ་གསལ་སྒྲོན་གྱི་སྙིང་པོ་ཟབ་དོན་གསལ་བའི་ཉི་མ་སོགས་ལས་གྲུབ་ཡོད།
ཕབ་ལེན།  PDF

མཚན་བྱང་།  རྒྱུད་ཀྱི་ཊཱིཀྐ་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ། རྩ་འགྲེལ་སྦྱར་མ།
མཛད་པ་པོ།  རྒྱུད་ཆེན་ཤེས་རབ་སེངྒེ་དཔལ་བཟང་པོ། ( ༡༣༨༢-༡༤༤༥)
བརྗོད་བྱ། གཞི་ལམ་འབྲས་བུའི་རྒྱུད་གསུམ།
དཔར་ལོ། ༢༠༡༩
དཔར་ཐེངས། དང་པོ།

ངོ་སྤྲོད་མདོར་བསྡུས།  གཞི་ལམ་འབྲས་བུའི་རྒྱུད་གསུམ་གསལ་བར་སྟོན་པའི་ཕྱག་དཔེ་འདི་ནི་ཕྱི་ལོ་༡༤༡༩ ལོར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་དང་། རྗེ་བླ་མས་རྒྱུད་ཆེན་ཤེས་རབ་སེངྒེར་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་ཆེན་གསུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་ཆེན་མོ་སྲུང་བརྩིའི་སྐབས་དཔར་སྐྲུན་ཞུས་པ་ཡིན། 
ཕབ་ལེན།  PDF