ཉེ་བའི་ཆར་འདི་ག་དཔེ་མཛོད་དུ་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་རིག་པ་དང་། བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་ཞིབ་འཇུག །གཞུང་འབྲེལ་ཡིག་བཟོའི་འགྲོ་སྟངས་དང་བརྗོད་འགྲོས། ༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་གཞུང་བླའི་དོན་རྐྱེན་སོགས་པ་དཔྱད་པ་དཔེ་དེབ་བཞི་གནང་འབྱོར་བྱུང་བས། འདི་དག་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་ལོ་རྒྱུས་དང་བཅས་པར་གསན་བསམ་ཞིབ་འཇུག་གནང་མཁན་གྱི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་འབྲས་རྒྱ་ཆེར་འབྱུང་ངེས་པས། རྩོམ་པ་པོར་བཅོས་མིན་ཐུགས་རྗེ་ཆེ་ཞུ།

༄༅།། ལེ་ཚན་འདིར་ནི་འདི་ག་དཔེ་མཛོད་ཁང་དང་འབྲེལ་བའི་དམིགས་བསལ་བརྡ་ལན་གྱི་རིགས་སྣ་ཚོགས་དང་། འབྲེལ་ཡོད་དོན་གཉེར་ཅན་རྣམས་ལ་འབུལ་དགོས་ཀྱི་བརྡ་ལན་གལ་ཆེའི་རིགས་བྱུང་ཚེ་ང་ཚོས་ནན་ཏན་གྱི་ཚུལ་དུ་སྤེལ་འཆར་ལགས་ན། སྐབས་སོ་སོའི་འབྲེལ་ཡོད་དག་གིས་ཐུགས་སྣང་ཡོང་བ་ཞུ་རྒྱུ་དང་། ད་ལན་དམིགས་བསལ་གྱིས་ཟུར་ཞུ། དཔེ་མཛོད་ཀྱིས་གསར་དུ་བཟོས་པའི་དྲ་ཚིགས་ཀྱི་ངོས་སུ་བཀོད་པའི་འཕྲུལ་དེབ་སོགས་ཡིག་རིགས་དང་། སྒྲ་བརྙན་པར་རིས་སོགས་ལ་སྐྱོན་ཆའི་རིགས་མཆིས་ཚེ་གཤམ་གསལ་གློག་འཕྲིན་འབྲེལ་གནས་བརྒྱུད་ནས་གསུང་གནང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།

འབྲེལ་གནས་གློག་འཕྲིན།

ཐུགས་སྣང་བརྡ་འཕྲིན།