༄༅།། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གིས་དང་པོར་མདོ་སྔགས་ཀྱི་གཞུང་ཆེན་ཁག་གསན་བཞེས་མཐར་ཕྱིན། བར་དུ་དབེན་པའི་གནས་སུ་ཐོས་དོན་སྒྲུབ་པ་སྙིང་པོར་མཛད་པས་ཉམས་རྟོགས་ཚད་ལྡན་ཐུགས་རྒྱུད་ལ་འཁྲུངས། མཐའ་མར་བསྟན་འགྲོའི་བདེ་ཐབས་སུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ་སྟེ་འཆད་ཉན་ཤིན་ཏུ་རྒྱས་པས། ཕྱོགས་མཐའ་ཁག་ཏུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་སའི་ཇོ་བོ་བཀའ་གདམས་པའི་གདན་ས་བྱིན་ཅན་ཁག་གཅིག་གི་བརྙན་པར་དང་མཚན་བྱང་།