༄༅།། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གཙང་ཤངས་ལུང་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་ལས་མཚན་དཔེའི་དཀྱིལ་འཁོར་བཞད་ཅིང་། སྔོན་སྦྱངས་གོམས་པའི་མཐུས་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ཏེ་ཐོག་མར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཚད་ལྡན་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བཞེས་གནང་སའི་གདན་ས་གྲྭ་ཚང་ཁག་གཅིག་གི་འདྲ་བརྙན་བྱིན་ཆགས།