མཚན་བྱང་།  དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཐིག་རྩ་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ། ཐིག་གི་ལག་ལེན་དུ་མ་གསལ་བར་བཤད་པ་བཟོ་རིག་མཛེས་པའི་ཁ་རྒྱན་སོགས་ཉེར་མཁོའི་ཐིག་རྩ་ཕྱོགས་བསྡུས།
མཛད་པ་པོ།  ཁྲི་ཆེན་དཔལ་ལྡན་གྲགས་པ་སོགས།
བརྗོད་བྱ། བཟོ་རིག་པའི་སྐོར།
དཔར་ཐེངས་དང་པོ། ༢༠༡༨

ངོ་སྤྲོད་མདོར་བསྡུས།  པོད་འདིའི་ནང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་བཞེས། ཡི་དམ་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་འབྲི་བཞེངས་དང་། མཆོད་རྟེན་ཆ་བརྒྱད་ཀྱི་ཐིག་རྩ། ལས་བཞིའི་ཐིག་རྩ་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ་སོགས་ཉེ་བར་མཁོ་བའི་ཆོས་ཚན་བཅུ་ཕྲག་གཉིས་ལྷག་ཙམ་བཀོད་ཡོད།

ཕབ་ལེན།  PDF

མཚན་བྱང་། གསང་སྔགས་རྡོ་རྗེ་ཐེག་པའི་རྩ་ལྟུང་གི་རྣམ་བཤད།
མཛད་པ་པོ། རྗེ་ཙོང་ཁ་པ་ཡབ་སྲས་གསུམ།
བརྗོད་བྱ། སྔགས་ཀྱི་ཚུལ་ཁྲིམས་རྣམ་གཞག
དཔར་ཐེངས་དང་པོ། ༢༠༡༩
ངོ་སྤྲོད་མདོར་བསྡུས། རྩ་ལྟུང་གི་རྣམ་བཤད་འདི་བཞིན་ཡོངས་ཀྱི་དགེ་བའི་གཉེན་ཆེན་པོ་དགེ་བཤེས་མཁས་གྲུབ་ནོར་བཟང་མཆོག་གིས་ཕྱི་ལོ་ ༢༠༡༩ ལོ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་དམ་འཇོག་མཛད་སྐབས། དོན་གཉེར་ཅན་དག་ལ་དམིགས་ནས་དཔར་སྐྲུན་ཞུས་པའི་ཕྱག་དཔེ་ཞིག་ཡིན། བླ་མ་ལྔ་བཅུ་པའི་རྩ་འགྲེལ་དང་། གསང་སྔགས་ཚུལ་ཁྲིམས་ཀྱི་རྣམ་བཤད་སོགས་གལ་ཆེའི་ཆོས་ཚན་དགུ་ལྷག་བཞུགས།

ཕབ་ལེན། PDF