མཚན་བྱང་།  དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག་དང་། རྫོགས་རིམ་ཐར་ལམ་སྒྲོན་མེ་མཁས་པའི་ཡིད་འཕྲོག །རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་སྐལ་བཟང་གི་ཡིད་འཕྲོག
མཛད་པ་པོ།  མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པ། ( ༡༣༥༧-༡༤༡༩ )
བརྗོད་བྱ། དཔལ་ལྡན་འདུས་པའི་རིམ་པ་དང་པོའི་བསྙེན་སྒྲུབ་ཡན་ལག་བཞི་དང་ཟབ་ལམ་རིམ་པ་ལྔའི་སྐོར་དང་། གསང་ཆེན་རྒྱུད་སྡེ་བཞིའི་ཟབ་ཁྱད་དང་ཟབ་ལམ།
དཔར་ལོ། ༢༠༡༧
དཔར་ཐེངས། དང་པོ།

ངོ་སྤྲོད་མདོར་བསྡུས།  དཔལ་ལྡན་འདུས་པའི་རིམ་པ་དང་པོའི་བསྙེན་སྒྲུབ་ཡན་ལག་བཞི་དང་ཟབ་ལམ་རིམ་པ་ལྔའི་སྐོར་དང། གསང་ཆེན་རྒྱུད་སྡེ་བཞིའི་ཟབ་ཁྱད་དང་ཟབ་ལམ་གསལ་བར་སྟོན་པའི་ཕྱག་དཔེ་འདི་ནི་ཀློག་པ་པོ་རྣམས་འཇུག་པ་བདེ་སླད་ཉམས་ཞིབ་ཀྱི་ཆ་ལག་ཚང་བའི་ཐོག་ནས་བསྟན་བཅོས་འདིར་དྲངས་པའི་བཀའ་བསྟན་སོགས་ཀྱི་ལུང་མཆན་དང་། དཔར་མ་མི་འདྲ་བ་རྣམས་ཕན་ཚུན་འདྲ་བསྡུར་ཞུས་པའི་བསྡུར་མཆན་སོགས་ཞིབ་བཀོད་ཀྱིས་ཉམས་ཞིབ་ཚད་ལྡན་གྱི་ལམ་ནས་དཔར་སྐྲུན་ཞུས་པ་ཡིན།
ཕབ་ལེན།  PDF

མཚན་བྱང་།  རྒྱུད་ཀྱི་ཊཱིཀྐ་རིམ་གཉིས་གཏེར་མཛོད། རྩ་འགྲེལ་སྦྱར་མ།
མཛད་པ་པོ།  རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་དཔལ་བཟང་པོ། (༡༤༡༩-༡༤༨༦ )
བརྗོད་བྱ། གཞི་ལམ་འབྲས་བུའི་རྒྱུད་གསུམ།
དཔར་ལོ། ༢༠༡༧
དཔར་ཐེངས། དང་པོ།

ངོ་སྤྲོད་མདོར་བསྡུས།  གཞི་ལམ་འབྲས་བུའི་རྒྱུད་གསུམ་གསལ་བར་སྟོན་པའི་ཕྱག་དཔེ་འདི་ནི་ཕྱི་ལོ་༡༤༡༩ ལོར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་དང་། རྗེ་བླ་མས་རྒྱུད་ཆེན་ཤེས་རབ་སེངྒེར་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་ཆེན་གསུམ་འཛོམས་ཀྱི་རྒྱུད་ཆེན་རྗེས་དྲན་ཆེན་མོ་སྲུང་བརྩིའི་སྐབས་དཔར་སྐྲུན་ཞུས་པ་ཡིན། 
ཕབ་ལེན།  PDF