ཨ་རིའི་མི་ནེའི་སོ་ཀྲར་གྱི་རྒྱུད་སྟོད་ཆོས་འཁོར་དགོན་ནས་དགེ་སློང་ཡེ་ཤེས་སྟོབས་རྒྱལ་བརྒྱུད་དེ་འདི་ག་དཔེ་མཛོད་ལ་ཉེ་བར་མཁོ་བའི་གློག་རྫས་སྤུས་ལེགས་གྲངས་བཅུ་དྲུག་ཆ་ལག་དང་བཅས་པ་གནང་སོན་བྱུང་བས། དཔེ་མཛོད་ཀྱི་རྒྱུན་ལྡན་གྱི་ལས་ཀར་མཐུས་ཤོར་མེད་པ་སྟབས་བདེ་རུ་ཕྱིན་ཏེ་དངོས་ཡོད་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་སོང་ན། ཆོས་ཚོགས་ཀྱི་འབྲེལ་ཡོད་ལྷན་རྒྱས་ནས་གྲྭ་ཚང་རིན་པོ་ཆེའི་ལས་དོན་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་བྱ་བ་བཟང་པོ་བསྒྲུབས་པར་ངོས་འཛིན་གྱིས་ལེགས་གསོལ་བསྔགས་བརྗོད་བཅོས་མིན་དང་འབྲེལ། སླད་བསྟན་འགྲོར་སྨིན་པའི་མཛད་བཟང་མཐའ་དག་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་སྨོན་འདུན་གྲངས་མེད་བཅས། རྒྱུད་སྟོད་དཔེ་མཛོད་ཁང་ནས་གོང་གསལ་ཟླ་ཚེས་ཉིན་ལ།

ཐུགས་སྣང་བརྡ་འཕྲིན།