པར་བཤུ།
སྡེ་ཚན། ཟབ་སྦྱོང་སྐོར།
ཀློག་གྲངས། 828

བརྗོད་གཞི།  དཔེ་དེབ་ཞུ་སྒྲིག་ཚད་ལྡན་དགོས་གལ་སྐོར་དང་། དཀར་ཆག་རིག་པའི་ལྟ་གྲུབ་དང་གལ་གནད་སྐོར།
གནང་མཁན།  སློབ་དཔོན་ཟམ་གདོང་རིན་པོ་ཆེ། བླ་དབུ་རིན་པོ་ཆེ། དཔེ་མཛོད་འགན་འཛིན་སོགས།
གནང་དུས།  ཕྱི་ལོ་ ༢༠༡༧ ཕྱི་ཟླ་༡༡ ཚེས་༡
གནང་ཡུལ།  དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་གི་ཡང་ཐོག
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།

ངོ་སྤྲོད་མདོར་བསྡུས།  ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༡ སྔ་དྲོ་ཕྱག་ཚོད་ ༠༨ ། ༣༠ ཐོག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ་དབུ་འབྱེད་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ངོས་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་ལོ་མང་རིང་དེང་རབས་མཉེན་ཆས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྨན་པའི་ཕྱག་ལས་ལ་ཡི་རང་བསྔགས་བརྗོད་དང་འབྲེལ་གཟེངས་བསྟོད་ཀྱི་ཚུལ་དུ་སྟོན་པའི་ཞལ་ཐང་བྱོན་ལེགས་ཤིག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསོལ་བསྩལ་གནང་བ་སོགས་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་རྗེས། རིན་པོ་ཆེ་མཆོག་ནས་དཔེ་དེབ་ཞུ་སྒྲིག་ཚད་ལྡན་དགོས་གལ་སྐོར་དང་། དཀར་ཆག་རིག་པའི་ལྟ་གྲུབ་དང་གལ་གནད་སྐོར་རིན་བྲལ་གྱི་བཀའ་སློབ་ཟབ་རྒྱས་བཀའ་དྲིན་བསྩལ།