པར་བཤུ།
སྡེ་ཚན། སྣ་ཚོགས།
ཀློག་གྲངས། 926

རྣམ་ཐར། ཀ (ཛ-1)  

༡ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀཿ དཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན། དྲུང་ཡིག་བློ་བཟང་རྡོ་རྗེ།

རྣམ་ཐར། ཁ (ཛ-1)  

༡ འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུན་མོང་བའི་མཛད་པ་རྣམ་ཐར་མདོ་ཙམ་བརྗོད་པ་ནོར་བུའི་དོ་ཤལ། རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ།

རྣམ་ཐར། ག (ཛ-1)   

༡ དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་སྐྱེ་གྲལ་དུ་རློམ་པའི་གྱི་ན་བ་ཞིག་གིས་རང་གི་ངང་ཚུལ་མ་བཅོས་ལྷུག་པར་བཀོད་པ་འཁྲུལ་སྣང་སྒྱུ་མའི་ཟློས་གར། ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ།

རྣམ་ཐར། ང (ཛ-1)  

༡ སྲིད་ཞིའི་གཙུག་རྒྱན་དམ་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་པོའི་རྣམ་པར་ཐར་པ་གཏམ་དུ་བརྗོད་པ་རྣམ་སད་ལྷའི་རྔ་ཆེན་སྐལ་བཟང་གདུལ་བྱའི་རེ་སྐོང་། འཇིགས་མེད་འཕྲིན་ལས་རྒྱ་མཚོ།

༢ མཁས་བཙུན་བཟང་གསུམ་གྱི་བདག་ཉིད། ལུང་རྟོགས་ཡོན་ཏན་གྱི་མཛོད། ཚ་གན་ཧོ་ཐོག་ཐུ་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་པོའི་སྐུ་གདུང་རིན་པོ་ཆེ་དགེ་ལེགས་འོད་འབར་གྱི་དཀར་ཆག་ཨུཏྤལ་གཞོན་ནུའི་ཆུན་པོ། འཇིགས་མེད་འཕྲིན་ལས་རྒྱ་མཚོ།

རྣམ་ཐར། ཅ (ཛ-1)  

༡ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད། དགའ་ལྡན་ཁྲི་རབས་དགུ་བཅུ་པ་ཤཱཀྱའི་དགེ་སྦྱོང་བྱམས་པ་ཆོས་གྲགས།