པར་བཤུ།
སྡེ་ཚན། བཀའ་སློབ།
ཀློག་གྲངས། 934

སྒྲ་ཨང་།  HDL-ADAGL-0001
གནང་མཁན།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག འཁྲུངས་ལོ་ ༡༩༣༥-
བརྗོད་གཞི།  བསྟན་སྒང་དུ་གནས་སྤོ་དགོས་པའི་རྒྱུ་མཚན་དང་། དེ་བཞིན་དགེ་འདུན་གྱི་འདུལ་ཁྲིམས་གཙང་མའི་ཐོག་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཡང་སྒོས་གསང་སྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་དང་། རྒྱུན་དུ་ཡ་རབས་སྤྱོད་བཟང་ཐོག་ཡུལ་མི་དང་མཐུན་ལམ་དམ་ཟབ་དགོས་སྐོར་སོགས།
གནང་དུས།  ཕྱི་ལོ་ ༡༩༧༤
སྒྲིག་བཟོ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
འགྲེམས་སྤེལ་བ།  རྒྱུད་སྟོད་དཔེ་མཛོད་ཁང་།
རྣམ་པ།  MP3  གྲངས།  01  ཚད།  10.8  MB
སྒྲ་སྤྱིའི་ཨང་།  GLAD-00006

ངོ་སྤྲོད་མདོར་བསྡུས།  གྲྭ་ཚང་རིན་པོ་ཆེ་ཕྱི་ལོ་ ༡༩༧༤ ལོར་རང་གཞུང་གི་ལམ་སྟོན་བཀོད་སྒྲིག་འོག་ཌལ་ཧོར་ནས་གནས་སྐབས་གཞིས་ཆགས་ཀྱི་ཐོབ་སྐལ་ལྟ་བུ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་ཁོངས་འབུམ་ལ་བསྟན་འཛིན་སྒང་དུ་གནས་སྤོའི་སྐབས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ་རིན་ཐང་གཞལ་དུ་མེད་པའི་བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ།